toppic
当前位置: 首页> 狗狗新闻> ༼གངས་རིའི་བདག་པོ་ངེད་ཅག་བོད་པ་ཡིན།༽ 【我们藏族人 雪山的主人】

༼གངས་རིའི་བདག་པོ་ངེད་ཅག་བོད་པ་ཡིན།༽ 【我们藏族人 雪山的主人】

2023-05-10 14:56:27

永远都不能丢掉自己的根,即使移民到了火星。 


“ཕ་སྐད། ”“母语”

རྩོམ་པ་པོ། འཇིགས་མེད་འགྲོ་ཕན།

 ཕ་སྐད་ལགས། 

ཁྱེད་ནི། གངས་རི་དཀར་པོའི་དབུ་རྩེ་ལ་བསྙེགས་པའི་རྨུ་ཐག་ཡིན་ལ། རྫ་རི་སྨུག་པོའི་ཕང་བ་ན་ཉལ་བའི་ཁྱིམ་གཞིས་ཡིན། 

ཕ་སྐད་ལགས། 

ཁྱེད་ནི། ཕ་དང་མེས་པོའི་རུས་རྐང་ལ་སིམ་པའི་ཐ་ཚིག་ཡིན་ལ། མ་དང་སྲུ་མོའི་དུང་སེམས་ལ་འདྲེས་པའི་གདུང་འབོད་ཡིན།

ཁྱེད་ལ། ལུང་རྟོགས་ཆོས་ཀྱི་བྱིན་སྣང་ཐིམ་ཡོད་ལ། ལྔ་རིག་པད་མའི་ཟིལ་དངར་རྒྱས་ཡོད།

ཁྱེད་ལ། མི་ཆོས་གཙང་མའི་དྲི་བསུང་འཐུལ་ཡོད་ལ། སེ་འབྲུ་ལྡོང་སྟོང་གི་དུང་སེམས་འཁོར་ཡོད།

ཁྱེད་ཀྱིས། སྲོང་བཙན་སྒམ་པོའི་ཐུགས་བསྐྱེད་ཀྱི་ཁ་ལོ་བསྒྱུར་ནས། སཾ་བྷོ་ཊ་ཡི་བློ་གྲོས་ཀྱི་འོད་སྣང་ཁྱེར་ནས། གངས་ལྗོངས་ལ་སྲ་བརྟན་གྱི་སྤོབས་པ་བསྩལ་ཡོད།

ཁྱེད་ཀྱིས། སྟོང་བཙན་དཔའ་བོའི་ཐབས་འཕྲུལ་གྱི་གོ་ཆ་བགོས་ནས། ཁ་བ་གངས་རིའི་ཉམས་མེད་ཀྱི་སྙིང་སྟོབས་ཁྱེར་ནས། འཇིག་རྟེན་དུ་ངོ་མཚར་གྱི་རྡོ་རིང་བསླངས་ཡོད།

ཕ་སྐད་ལགས།

ཁྱེད་ནི་ངའི་ཚེ་སྲོག་གི་རྨུ་ཐག་ཡིན།

 ཕ་སྐད་ལགས།

ཁྱེད་ནི་ངའི་དུང་སེམས་ཀྱི་འཇུ་ཐག་ཡིན།

ཁྱེད་ཀྱི་དབྱངས་གསལ་རེ་རེ། ངའི་རོ་འཛིན་གྱི་རྡེབ་དང་འགྲོགས་ནས། ཐ་སྙད་ཀྱི་ནགས་ཀླུང་འགྲིམ་དགོས།

ཁྱེད་ཀྱི་སྒྲ་གདངས་རེ་རེ། ངའི་ཐོས་འཛིན་གྱི་བུ་གར་ལྷུང་ནས། ཤེས་རིག་གི་ཉིང་བཅུད་འཐུང་དགོས།

ཁྱེད་ཀྱི་ངག་ཚིག་རེ་རེ། ངའི་བག་ཆགས་ཀྱི་མཐུག་སར་ལྷུང་ནས། ཡོད་ཚད་ཀྱི་རིན་ཐང་སྐྲུན་དགོས།

ཁྱེད་ཀྱི་དུང་སེམས་རེ་རེ། ངའི་བླ་སྲོག་གི་བཅུད་དུ་གྱུར་ནས། ལུགས་གཉིས་ཀྱི་བཙན་ས་ཟིན་དགོས།

ཕ་སྐད་ལགས། ཁྱེད་ནི། ངའི་བུ་རབས་ཚ་རྒྱུད་ཀྱི་མགྲིན་པ་འདི་ནས་ཁྲི་ལོ་ནས་ཁྲི་ལོར་བཞུགས་དགོས།

ཕ་སྐད་ལགས། ཁྱེད་ནི། ངའི་ཕ་མེས་ཀྱི་ཁྱིམ་གཞིས་འདི་ནས་སྲིད་མཐའ་ནས་སྲིད་མཐར་བརྟན་དགོས།

ཕ་སྐད་ལགས། ཁ་བ་གངས་ཅན་པའི་ཕ་སྐད། སྲིད་མཐའ་ནས་སྲིད་མཐའི་བར་དུ་བརྟན་པར་ཤོག།



གསུམ་འཛོམས་གཡང་གི་བཀྲ་ཤིས།

འཛམ་གླིང་ཕ་སྐད་ཉིན་མོ་ལ་འབུལ་ལོ། 

ཚིག   བྱམས་པ་རྡོ་རྗེ།

༡ སྔོ་ཐིང་ཐིང་གི་ནམ་མཁའ། །

བརྗིད་ཐིག་ཐིག་གི་གངས་རི། །

ཡངས་ཤིག་ཤིག་གི་རྩྭ་ཐང་། །

དྲི་ཞིམ་ཞིམ་གི་མེ་ཏོག  །

ང་ཚོའི་ཕ་ས་རེད། །

ང་ཚོའི་སྨོན་འདུན་རེད། 

ཕ་ཡུལ་ཡར་དར་ཡོང་བའི་བཀྲ་ཤིས་ཤོག 

བཀྲ་ཤིས་ཤོག 


༢  དགོད་འཛུམ་འཛུམ་གྱི་ཞལ་རས། །

དྲང་ཤིག་ཤིག་གི་གཤིས་ཀ  །

གྱ་འགྱུར་མེད་པའི་སྙིང་སྟོབས། །

ཡ་ཡོ་མེད་པའི་ལྷག་བསམ།།

ང་ཚོའི་སྤུན་ཟླ་རེད། 

ང་ཚོའི་སྤོབས་པ་རེད། 

སྤུན་ཟླ་མཉམ་འཛོམས་ཡོང་བའི་བཀྲ་ཤིས་ཤོག 

བཀྲ་ཤིས་ཤོག


༣ རྣ་ལ་སྙན་པའི་ཕ་སྐད། །

མིག་ལ་མཛེས་པའི་མ་ཡིག། 

སེམས་ལ་སྨན་པའི་རིག་གཞུང་།།

ཀུན་ལ་ཕན་པའི་བྱམས་བརྩེ།།

ང་ཚོའི་ཕ་ནོར་རེད།

ང་ཚོའི་འགན་འཁྲི་རེད།

འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག 

བཀྲ་ཤིས་ཤོག

         


༼གངས་རིའི་བདག་པོ་ངེད་ཅག་བོད་པ་ཡིན།༽

【我们藏族人       雪山的主人】



我们站在世界的屋脊;

我们自豪。

仰望清澈的蓝天;

我们幸福。

心拜神奇的布达拉宫;

我们感慨。

我们是---藏族人,

来自高原的雄鹰;

来自草原的骏马;

来自雪域的牦牛。

我们的灵魂深处,

散发着糌粑的味道;

我们的血液里,

流淌着酥油茶;

我们有着骏马的勇敢;

我们有着雄鹰的梦想;

我们横渡过雅龙藏布江;

我们攀登过珠穆朗玛峰。




我们不笨;

我们不蠢;

我们不濑;

我们相信科学,

更相信;

我们注重知识,

更注重人性;

我们懂得交易,

更懂得人情;

我们是来自雪域的藏族人,

我们生活在雪山的怀抱中;

我们奔跑在辽阔的草原上;

雄伟的高山,

是我们的生源;

无边的羌塘,

是我们的归宿。



洁白的哈达,

使我们的血液相连;

闪亮的酥油灯,

照亮我们藏族人的梦想;

我们是格萨尔王的传人;

我们遗传着藏獒的野性;

我们遗传着牦牛的骨肉;

我们----是藏族人;

站在世界屋脊的藏族人。



这里雪山连绵,

巍峨雄奇;

这里金宫辉煌,

庙宇林立; 

这里江河奔流,

湖泊众多;

这里草原广阔,

风光秀美;

这里有几千年前的古王朝遗址,

藏羚羊和野牦牛奔驰在

无垠的高原上 ;

这里有万丈豪情的康巴汉子在马背上

挥舞着战刀尽显男儿本色,

随着弦子优美的旋律纵情歌舞;

这里有悠久的历史,

灿烂的文化和笃定的信仰;

无数的高僧学者在安多大地上

传播源远流长的藏文化;

这里有雄伟壮观的布达拉宫, 

雅鲁藏布江水哺育我们的

先辈开疆扩土; 

雪山环绕的这一方净土是

他们不世的功业,

是我可爱的故乡; 

我前世今生的归宿, 

我夜夜梦回的圣地;

我们的先辈在马背上经历了

峥嵘岁月臣服八方,

亚洲大陆尽皆吐蕃铁骑;

在中慢慢拿起念珠放下了战刀,

用身躯丈量每一条朝圣的道路;

用行动捍卫一生不变的信仰,

所有藏人居住的地方,

天空中是庄严的法号声和六字真言,

曾经具有狼血性的民族停止了

征服停止了杀戮,

转而为万物苍生祈福;

在阿里高原的神山脚下,

在卫藏平原的田间河畔; 

在安多草原的古老寺庙; 

在三江两岸的康巴大地;

佛光普照 ,

每一个藏人居住的地方。



西藏不是香格里拉,

西藏也不是伊甸园,

那是我们藏族人的家。

摘自tenzinlhasa的个人博客









友情链接